0976-8814662
医院动态
您当前位置:首页 > 通知公告

医讯

发布时间:2017-10-31 10:22:48    来源:院办    点击次数:8160

47.jpg

སྨན་དོན་བརྡ་ཐོ། རྒྱ་ཆེའི་མང་ཚོགས་རྣམས་པ་དང་ལས་རིགས་ནང་ཁུལ་གྱི་མི་སྣ་རྣམས་པར་ཞུ་དོན། ད་ཐེངས་ངེད་ཡུལ་ཤུལ་སྨན་རྩིས་ཁང་གིས་བོད་ལུགས་གསོ་རིག་སློབ་དཔོན་ཆེན་མོ་ཀརྨ་ཚོགས་གཉིས་འདི་གར་གདན་འདྲེན་ཞུས་ཏེ་ངེད་སྨན་ཁང་ནས་སྤྱི་ཟླ་༨པའི་ཚེས་༨ནས་ཚེས་༡༦བར་སྨན་བཅོས་ཕྱག་ལས་གནང་རྒྱུ་དང་སྒོས་སུ་དལ་གཤིས་རང་བཞིན་གྱི་རྒྱུ་ལྷག་ནད་ལ་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་བཅོས་ཐབས་སྤེལ་རྒྱུ་ཡིན་པས་དེ་ལྟར་ཐུགས་འཇགས་ཡོང་བ་ཞུ། བོད་ལུགས་གསོ་རིག་སློབ་དཔོན་ཀརྨ་ཚོགས་ལགས་ནི་སྔོན་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སྨན་ནུས་ཁྲིད་དཔྱོད་ཁང་གི་འགོ་ཁྲིད་དང་།བོད་ལུགས་གསོ་རིག་སྨན་པ་འབུམ་རམས་པ། གསོ་རིག་སློབ་དཔོན་ཆེན་མོ། རབ་འབྱམས་ཞིབ་འཇུག་སློབ་མའི་ཁྲིད་དཔོན། དབྱིན་ཇི་ཨེའེ་ཏུན་བྷོ་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་གྱི་གྲགས་ཅན་བོད་ལུགས་གསོ་རིག་ཆེད་མཁས་པ་སོགས་ཀྱི་མཚན་སྙན་བཞེས་ཡོད། སློབ་དཔོན་ཁོང་ཉིད་བོད་ཀྱི་གསོ་རིག་ཤེས་ལྡན་མི་སྣ་རྩེ་གྲའི་སྐུ་ཚབ་གནང་ནས་འཇར་པན་དུ་རིག་གཞུང་བྱེད་སྒོ་སྤེལ་བ་ཕེབས་མྱོངས་ཡོད་པ་མ་ཟད་ཁོང་ལ་རྒྱལ་ཁབ་རིག་གནས་པུའུ་ཡིས་རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་གསུམ་པའི་བོད་ལུགས་གསོ་རིག་༼ཨ་རུ་རའི༽སྦྱོར་སྡེའི་ལག་རྩལ་གྱི་རྒྱུན་འཛིན་མི་སྣར་བདམས་ཡོད། སློབ་དཔོན་ཀརྨ་ཚོགས་གཉིས་ལགས་ཀྱིས་ནུབ་རྒྱུད་ཞིང་ཆེན་ལྔའི་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་གཞི་༼སྦྱོར་བ་སྨན༽ དང་༼བོད་སྨན་གསལ་འབྱེད་རིག་པ༽སོགས་གཙོ་སྒྲིག་གནང་བ་དང་། ༼མཚོ་སྔོན་ཞིང་ཆེན་བོད་སྨན་སྡེབ་སྦྱོར་ཚད་གཞི་ཞིབ་འཇུག་རྣམ་གྲངས༽ཀྱི་ཆེད་དུ་གདན་ཞུ་ཆེད་མཁས་པ་སོགས་མཛད་བཞིན་ཡོད། སློབ་དཔོན་ཁོང་ནི་སྨན་དོན་ཕྱག་ལས་གནང་ནས་བགྲང་བྱ་༤༠ལྷག་ལ་ཕྱིན་ཡོད་ཅིང་གསོ་དཔྱད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཁྱད་པར་བཅོས་དཀའ་བཅོས་རྡུགས་ནད་རིགས་ལ་ཕྱག་ལེན་མྱོང་གྲུབ་ལྡན་ནོ། ཡུལ་ཤུལ་སྨན་རྩིས་ཁང་ཀླུ་རྒྱལ་ནོར་བུ་གླིང་ནས། སྤྱི་ལོ་༢༠༡༧ལོ་ཟླ་༨ཚེས་

尕玛措尼,原青海藏医学院药理教研室主任,主任医师、教授,硕士生导师,英国爱丁堡大学客座教授。曾代表青海藏医界高端人才访问日本进行学术活动,尕玛措尼教授被国家文化部聘为“第三批国家级非物质文化遗产项目—藏医药‘阿如拉’炮制技艺代表传承人”。我省著名藏医学专家,主编西北五省藏医大学教材《药理学》、《藏药鉴定学》、《青海省藏药炮制规范研究》项目特邀专家,从医四十余年,临床经验丰富,对各类疑难杂症具有独到的治疗方法。教授在8月8日至16日亲临玉树州藏医院开展学术讲座、藏药制剂配伍现场指导、专家坐诊,特别针对慢性阑尾炎患者开展特色藏医疗法。



玉树州藏医院版权所有,  建议使用IE5.5以上版本浏览器   网址:www.yszzyy.com

地址:青海省玉树市然格通巷南1号  电话:0976-8814662 传真:0976-8814662 青ICP备10000004号-1    

青公网安备 63270102000025号